Return   Facebook   Zip File

Obligatory

ལམ་ལུགས་དང་བསྟུན་པའི་-ཁ་ཐུན་མདོར་བསྡུས།

ཉིན་ཞག་ཕྲུགས་གཅིག་ནང་ཉིན་དགུང་ལུ་ལྷག་དགོཔ

ལྷ་མཆོག་མཁྱེན་ནོ།། ངེད་ཀྱི་ལུས་རྟེན་འདི་ ཁྱོད་ལུ་གསོལ་མཆོད་ཞུ་ནི་དང་ ཁྱོད་ཀྱི་རྗེས་ སུ་འཇུག་པའི་དོན་གྱི་དཔང་པོ་སྦེ་ ང་གསོནཔ་ཨིན། ད་ལོ་ང་གིས་བདེན་དཔང་ཞུ་དོན་ ང་ ཉམ་ཆུང་གིས་མཐུ་སོབས་ལྡན་པ་ཁྱོད་དང་ དབུལ་ཕོངས་ཅན་བདག་དང་འབྱརོ ་ལྡན་ཁྱོད་ བཟུམ་ཉེན་སྐྱོབ་མཁན་གཞན་མེད་འགྲན་ཟླ་བྲལ་བའི་ལྷ། རང་འཚོ་མུ་མཐུན་གནང་མཁན་

#15298
- Bahá'u'lláh

 

General

བྱིས་པ། - Assistance

ངེས་ཀྱི་ལྷ་མཆོག་མཁྱེན་ནོ།། ཁྱོད་ཀྱི་གཟི་བརྗིད་ལྷག་པར་ཆེ་བའི་སྙན་གྲགས་ཅན་གྱི་མཚན་ ཞུ་སྟེ་ ལྷ་ཁྱོད་ཀྱི་རྗེས་སུ་འཇུག་པ་པོ་གི་བསམ་དོན་ཡིད་བཞིན་འགྲུབ་ནི་དང་ཁྲོམ་གནས་ པ་ཚུ་ལུ་ ང་གིས་གལ་ཆེ་བའི་ཞབས་ཏོག་འབྱོར་ཚུགས་པའི་དངོས་གྲུབ་བསོལ་གནང་། ལྷ་ མཆོག་ཁྱོད་ལུ་ དེ་བཟུམ་མའི་ནུས་པ་ཡོངས་སུ་ཚང་ཡོད་པ་དངོས་བདེན་ཨིན།

#15292
- Bahá'u'lláh

 

བྱིས་པ། - Children

མགོན་པོ་མཆོག། ང་བྱིས་པ་ཨིན། ཁྱོད་ཀྱི་སྐྱབས་འོག་གི་གྲིབ་བསིལ་ནང་ཚུད་པའི་ ནུས་ སོབས་རྒྱས་པའི་དངོས་གྲུབ་བསོལ་གནང་། ང་ ལྗང་བུ་གསར་པའི་མྱུ་གུ་ཨིན། ཁྱོད་ཀྱི་ བྱིན་བརླབས་སྤྲིན་ཕུང་གིས་འཚོ་སྐྱོང་འཐབ་གནང་། ང་ ལྡུམ་རའི་ཤིང་གི་ ལྕང་མོ་བཟུམ་ དགའ་བ་ལྡན་པ་ཨིན་པ་ཅིན། རོ་བརྒྱ་ལྡན་པའི་ཤིང་ཏོག་ལུ་བསྒྱུར་གནང་། ཁྱོད་ནི་མཐུ་ རྩལ་སོབས་ལྡན་གྱི་ལྷ་ཨིན། ཁྱོད་ནི་ ཀུན་ལུ་བརྩེ་བའི་ལྷ། ཁྱོད་ནི་ཀུན་མཁྱེན་ ཀུན་ གཟིགས་ལྡན་པའི་ལྷ་མཆོག་ཨིན།

#15294
- `Abdu'l-Bahá

 

ལྷ་མཆོག་མཁྱེན་ནོ།། ང་ ལམ་ཁྲིད་མཛད་དེ། མགོན་སྐྱབས་མཛད་གནང་། མར་མེ་གི་འོད་ དང་ རྒྱུ་སྐར་གྱི་ཟེར་དང་འདྲ་བའི་ནུས་སོབས་ཅན་བཟོ་གནང་། ཁྱོད་ནི་མཐུ་རྩལ་སོབས་

#15293
- `Abdu'l-Bahá

 

ཁ་འབྲལ་བ། - Departed

ངེད་ཀྱི་ལྷ་མཆོག་མཁྱེན་ནོ།། ཁྱོད་ནི་སྡིག་པ་བཤགས་ཡུལ་དང་ དངོས་གྲུབ་བསོལ་མཁན། གནོད་འཚེ་ཉེ་བར་ཞི་མཁན་ཨིནམ་ལས། ཐར་ལམ་བགྲོད་དོན་སྒྱུ་ལུས་འདོར་བའི་ཉེས་པ་ བཤགས་གནང་། ངེད་ཀྱི་ལྷ་མཆོག། སྡིག་པའི་ལས་ངན་སྦོང་པར་བྱིན་གྱིས་རླབོ ས་ཤིག། ཉེས་པའི་སྡུག་བསྔལ་ཞི་བར་མཛོད་ཅིག། ཁོང་གི་མུན་ནག་ཐུག་པོ་སེལ་བར་ཤོག་ཅིག། ཁོང་རྣམས་ དེ་བའི་ཞིང་གི་སྐྱེད་ཚལ་དུ་ཕྱིན་པར་ཤོག། གྲིབ་པ་སེལ་ཏེ་རྣམ་དག་མངོན་དུ་ གྱུར་བར་ཤོག་ཅིག། མངོན་པར་མཐོ་བའི་རི་བོའི་རྩེ་ལས་ མཚར་སྡུག་ལྡན་པའི་མཇལ་ཁ་ གནང་མཛོད།

#15295
- `Abdu'l-Bahá

 

དྲག་སྐྱེད་བྱུང་བ། - Healing

ཁྱོད་ཀྱི་མཚན་ཙམ་ཡང་ ངེད་ཀྱི་དྲག་སྐྱེད་ཨིན། ལྷ་མཆོག་ ཁྱོད་དྲན་པ་ཙམ་ཡང་གདུང་ སེམས་རྒྱསཔ་ཨིན། ཁྱོད་ཀྱི་ཉེ་དྲུང་དུ་ལྷདོ ་ནི་འདི་ ངེད་ཀྱི་རེ་འདུན་དང་ ཁྱོད་ལུ་དད་པ་ བསྐྱེད་ནི་འདི་ཡལ་བ་མེད་པའི་བོ་གྲོགས་ཨིན། ཁྱོད་ཀྱིས་ང་ལུ་སྙིང་ཉེ་དེ་ཡང་ ང་ལུ་དྲག་ སྐྱེད་བྱུང་ནི་དང་ ཁྱོད་ཀྱི་སྙིང་ཉེ་ཙམ་གྱིས་སྐྱེ་བ་འདི་དང་ཕྱི་མ་གཉིས་ཀའི་ར་མདའ་སོམ་ ཨིན། ཁྱོད་དང་དངོས་འབྲེལ་བྱུང་བ་ཙམ་གྱིས་གཏོང་ཕོད་དེ་གི་གོང་ན་མེད་པ་དང་ ཐམས་ ཅད་མཁྱེན་ནི། མཁས་པའི་མཆོག་ཏུ་ལྷོདཔ་ཨིན།

#15296
- Bahá'u'lláh

 

ཕ་མ་རྣམས། - Parents

ལྷ་མཆོག་མཁྱེན་ནོ།། ཁྱོད་ཀྱིས་ ང་བཅས་ཀྱིས་འོ་དོད་འབོད་པའི་ཕྱག་རྒྱ་ལག་གཉིས་ གནམ་ཁར་བཏེགས་ཏེ་ ཁྱོད་ཀྱི་གཏོང་ཕོད་ལྡན་པའི་ཞིང་ཁམས་ཐེད་ལུ་སྨྲེ་ངག་ ལགཔ་ གཉིས་བརྐྱངས་ཏེ་དངོས་གྲུབ་ཞུ་བའི་རེ་འདོད་ གཏོང་སྒོ་ཡངས་པའི་ཐོག་ལས་གྱ་ནོམ་པར་ གནང་བའི་གསོལ་འདེབས་ཞུཝ་ཨིན། ང་དང་ ངའི་ཕ་མ་ཡོངས་ཀྱི་ནོངས་པ་བཤགས་ཏེ་

ཁྱོད་ཀྱི་གཟི་བྱིན་ལྡན་པའི་འབྱོར་པ་རྒྱ་མཚོ་ལས་རེ་འདོད་སྐོང་བའི་དངོས་གྲུབ་གནང་ཟེར་ཞུ་ ནི། ང་གིས་སྙིང་ཐག་པ་ལས་ཁྱོད་ཀྱིས་སོན་པའི་ལམ་སོན་ལུ་འཇུག་པའི་འདོད་དོན་འགྲུབ་ གནང་། ཁྱོད་ནི་ དོན་དམ་པར་ཐམས་ཅད་ལས་གོང་དུ་འཕགས་པ་ག་གིས་ཡང་འགྲན་ཟླ་ མེད་པ་ བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བྱམས་པ་དང་ལྡན་པའི་ལྷ་མཆོག་ཨིན།

#15297
- Bahá'u'lláh

 

དཀའ་ངལ་དང - Test and Difficulties

དཀའ་ངལ་དང་ ཉམས་ཚོད་ལེན་པ། དཀའ་ངལ་ཐ་དག་སེལ་ཚུགས་མི་ལྷ་མཆོག་ཁོ་མིན་པ་གཞན་ག་ཡོད? སླབ !! ལྷ་མཆོག་ལུ་བསོད་བསྔགས་ཞུ། ཁོ་ལྷ་ཨིན། གཞན་ག་ར་ཁོ་གི་རྗེས་ འཇུག་ཨིནཔ་ལས་ ཆ་མཉམ་གྱིས་ཁོ་གི་བཀའ་ལུ་བརྩི་བཀུར་ཞུ།

#15300
- The Báb

 

ལྷ་ལུ་ཡིད་ཆེས། - Trust in God

ལྷ་འདི་གིས་ ང་ལུ་ལངས། ལྷ་ཁོ་ནི་དངོས་འབྲེལ་ཐམས་ཅད་གཅིག་ཏུ་འདུ་བའི་ བདག་ཉིད་ཨིན་ ཁོ་ལུ་ཡིད་ཆེས་ཡོད་མི་ཚུ་ག་ར་ ངེས་ཤེས་དྲངོ ས་བཅུག། ཧིང་ དཀྱིལ་ལས་ཁོ་ལུ་ཡིད་ཆེས་བསྐྱེད་པར་ཤོག།ད་བབ།

#15301
- Bahá'u'lláh

 

མཉམ་འབྲེལ། - Unity

ངེ་གི་ལྷ་མཆོག་མཁྱེན་ནོ།། ལྷ་མཆོག་མཁྱེན་ནོ།། ཁྱོད་ཀྱི་རྗེས་འཛིན་ག་ར་ བོ་ སེམས་གཅིག་ཁར་འདུ་སྟེ་ དགོས་དོན་སྙིང་པོའི་ལམ་སོན་ཞུ་གནང་། ཁྱོད་ཀྱི་ ཞལ་གདམ་ཇི་བཞིན་ རྩ་བའི་ཁྲིམས་མཐུན་གནས་བཅུག། ཁྱོད་ལུ་ཞབས་ཏོག་ ཞུ་བའི་སོབས་དང་ ཁོང་གི་ལཱ་ལུ་བརྩནོ ་ཤུགས་བསྐྱེད་ནི་ལུ་རྒྱབ་སྐྱོར་མཛད་གནང་ ལྷ་མཆོག། ལྷ་མཆོག་མཁྱེན་ནོ།། ཁོང་བདག་མེད་མ་བཞག་པར་ ཁྱོད་ཀྱི་ཡོན་ ཏན་གོ་རིམ་བཞིན་གྱི་སླབོ ་སོན་དང་ ཁོང་གི་ཡིད་སྙིང་ ཁྱོད་ཀྱི་བརྩེ་གདུང་ཐོག་ ལས་དགའ་སྤོས་ཁྱབ་པར་དངོས་འབྲེལ་དུ་མཛད་གནང་། དངོས་འབྲེལ་དུ་ཁྱོད་ནི་ ཁོང་གི་མགོན་ཡང་ཨིན་ན་ རྒྱབ་སྐྱོར་བ་ཡང་ཨིན།བྷ་ཨུ་ལ།

#15302
- Bahá'u'lláh

 

Spiritual Qualities

ལྷ་ལུ་གསོལཝ་བཏབ་སྟེ་ རང་གི་སོད་གནས། སོད་ཁྱིམ། ས་གནས། ཁྲོམ་གནས། རང་གི་སྙིང་ཁར། རི་བོ། སྐྱབས་འགྲོ། བྱག་ཕུག། ཡུལ་ ལྗོངས། ས་ཞིང་། མཚོ་དང་ མཚོ་གླིང་། སྤང་ལྗོངས་ག་ར་ ལྷ་ཁྱོད་ལུ་ ཆེ་བསོད་ཞུ་ནི་དེ་གིས་བྱིན་བརླབས་འཇུགཔ་ཨིན།

#15291
- Bahá'u'lláh

 

ཆོས་སེམས་སྤུས་ཚད། ལྷ་མཆོག་མཁྱེན་ནོ།། ངེད་ཀྱི་རྣམ་ཤེས་ངལ་དུབ་སངས་ཏེ་ དགའ་སྤོ་ལྡན་པ་བཟོ་ བའི་ཁར་ ཡིད་གསལ་དངས་ལྡན་པའི་བྱིན་བརླབས་ཞུ་གནང་། དབང་ཤུགས་

ཆེར་བསྐྱེད་བཟོ་གནང་། ངེད་ཀྱི་མི་ཚེའི་བྱ་གཞ་ཧྲིལ་བུ་ཁྱོད་ཞབས་ལུ་ཕུལཝ་ཨིན། ཁྱོད་ནི་ངེད་ཀྱི་སྐྱབས་མགོན་དང་ ལམ་སོན་མཁན། ད་ནས་ང་ཡང་མྱ་ངན་དང་ སྡུག་བསྔལ་ནང་ལས་ཕྱིར་ཕྱོགས་པ་ཨིན། བདེ་བ་དང་དགའ་སྐྱིད་ངང་སོད་ནི་ཨིན། ལྷ་མཆོག། དེ་བཟུམ་ད་ལས་ཕར་སེམས་ཁྲལ་ སྡུག་བསྔལ་མནར་ནི་ལས་གྲོལཝ་ ཨིན། ཚ་གྱང་ནང་སོད་ནི་དེ་ཡང་མེད། ལྷ་མཆོག། ང་ར་གིས་ང་ར་ལུ་བརྩེ་བ་ལས་ ཁྱོད་ཀྱིས་ང་ལུ་བརྩེ་གདུང་ཆེཝ་ཨིན།

ང་གིས་ང་རའི་ལུས་རྟེན་ཁྱོད་ཀྱི་དོན་ལུ་གཏང་བའི་དམ་བཅའ་ཞུ་དོ།།

#15299
- `Abdu'l-Bahá

 

Occasional

Tablets